全国教育机构推荐虚拟社区

曲麻莱:国外顶尖商学院的励志游戏首次在藏区实践圆满成功.

2020-03-27 00:06:49

ཆུ་དམར་ལེབ་ན་གཞོན་ཚོང་ལམ་གྱི་རྩལ་ནུས་གསོ་སྦྱོང་བདེ་ལེགས་ངང་མཇུག་སྒྲིལ་བ།

首届曲麻莱县社会创新及青年创业技能培训班圆满结束





སྤྱིིར་འཛམ་གླིང་ཤར་ལྷོ་སྒང་དྲུག་དང་ས་ཆུ་སྟོད་སྨད་བར་གསུམ་ནས་འཚར་སྡུག་འོད་སྟོང་འབར་བའི་དཔལ་འབྱོར་དུས་རབས་ཀྱི་འོད་སྣང་འདིིའི་ཁྲོད་ནས་འཚར་ལོངས་བྱུང་བའི་མི་རིགས་ཉིད་ལ་མཚོན་ནའང་།རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གིས་སྲུང་མ་གནང་ཞིང་གསེར་གྱི་སྐུད་པས་བཏགས་པའི་སྲིད་ཇུས་བཟང་པོའི་འོག ཡར་སྐྱེས་ཀྱི་གཞོན་པ་དང་ཤེས་ལྡན་གྱི་སློབ་ཆེན་པ་སུ་དང་ཇི་བཞིན་གངས་དཀར་ལྷ་མོས་བསླུ་བྲིད་ཀྱིས་དབང་གིས་གཞོན་པ་ང་ཚོའི་སེམས་པའང་རང་དབང་མེད་པར་འཕྲོག་ཅིང་།གཅིག་ཀྱང་མ་ལུས་པར་དཔལ་ཡོན་ལྡན་པའི་ལས་ལམ་གསར་འཛུགས་ཀྱི་ཕྱོགས་སུ་བཅེར་ནས་གཡེང་ཡོད་དེ།ཁ་ཟས་དང་ལྟོ་རྒྱབ་ལ་དཀའ་ངལ་སྤུ་ཙམ་ཡང་མེད་པའི་དུས་སྐབས་འདིའི་དཀྱོག་མཚམས་ནས་ང་ཚོས་ཀྱང་དཔལ་ཡོན་ལྡན་པའི་ལམ་བུ་ཞིག་དང་གུ་ཡངས་ཅན་གྱི་ཁོར་ཡུག་ཅིིག་ཏུ་བསྐྲུན་པར་ཨེ་ནུས་ཅིས་ཀྱང་འབད་ལོས་དགོས།།




 

随着大江南北改革的转型发展,大众创业、万众创新已成为新常态下大学生及地方青年进入社会职场的主旋律。高校鼓励大学生创业,地方促进农牧民就业,不仅有利于拓宽大学生就业门路,为社会创造更多的就业岗位,而且有利于实现个人价值,在全社会形成创新、创业的氛围,推动社会经济的持续、快速、健康发展。



དཔལ་ཡོན་གྱི་འོད་སྣང་གིས་ས་ཆེན་འདིར་འཕྲོ་དུས།ང་ཚོའང་འོད་སྣང་གིས་སྦྱིན་པའི་གསོན་ཤུགས་དང་སྤོབས་སེམས་བསྐྱེད་ནས་མུར་འོད་སྣང་གི་ལམ་བུ་ཞིག་འཚོལ་རྒྱུ་ནི་ཁྱེད་དང་ང་ཡི་ཕྲག་འགན་དེ་ཡིན་ཨང་།གཟའ་སྐར་སྦྱོར་འཕྲོད་པའི་ཟླ་ཚེས་བཟང་པོར་ཆུ་དམར་ལེབ་རྫོང་ན་གཞོན་ཚོང་ཚོགས་དང་ཆ་རུ་ལས་ཁྱིམ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་ས་གནས་ཁེ་ལས་འགས་གཞོགས་སྐྱོར་བྱས་ཏེ།མདོ་སྟོད་ཆུ་དམར་ལེབ་ཀྱི་སྤྱི་ཚོགས་གསར་གཏོད་དང་ན་གཞོན་ཚོང་ལམ་གྱི་རྩལ་ནུས་གསོ་སྦྱོང་གི་འཛིན་གྲྭ་ཞིག་ཆུ་དམར་ལེབ་ནོར་བུ་བཟང་པོའི་དྲ་བ་ནས་ཉིན་གཉིས་ཀྱི་རིང་ལ་སྤེལ་བ་རེད།ས་གནས་ཀྱི་ཆུང་འབྲིང་ཁེ་ལས་ཀྱི་སྤྱི་གཉེར་བ་དང་སློབ་ཆེན་མཐར་ཕྱིན་པ།ན་གཞོན་ལས་གཏོད་པ་བཅས་ཁྱོན་སློབ་བུ་༣༠ཙམ་མཉམ་ཞུགས་བྱས་ཏེ།ཚོང་ལམ་གསར་འཚོལ་གྱི་ཐབས་མངར་མོ་བདུད་བརྩི་རང་འབབ་ལ་མྱངས་སུ་རོལ་བའོ།།

 

719日上午,由曲麻莱县青年创业协会与迦入空间主办的首届曲麻莱县社会创新及青年创业技能培训会在曲麻莱县藏宝网(玉树区)电子商务产业孵化园及大学生产业空间顺利召开,来自曲麻莱县地区31名创业爱好者组成5个创业模拟小组,同时开展了为期2天的创业培训学习。

 

གསོ་སྦྱོང་གི་བརྒྱུད་རིམ་ཁྲོད་དུ། ཚོང་ལམ་གསར་འཛུགས་ཀྱི་དོ་དམ་དང་གོ་སྐབས་འཚོལ་བ་དང་ཐོན་རྫས་གསར་སྤེལ་གྱི་སྐོར་བརྗོད་གཞིར་འཛིན་ཏེ།ཚོང་ལམ་གསར་གཏོད་ཀྱི་གལ་ཆེན་རང་བཞིན་དང་ལས་ཀ་དེ་རང་དང་མཐུན་མིན་ལ་གཞིགས་ནས་དབྱེ་ཞིབ་དང་སྦྱོང་བརྡར་གང་མང་ཞིག་བྱས་མཐར།དགེ་རྒན་རིག་འཛིན་མཐར་ཕྱིན་གྱིས་བསྟན་དོན། ང་ཚོ་ཚོང་ལམ་གསར་འཛུགས་བྱེད་མཁན་གྱི་ཁེ་ལས་ཆུང་ཆུང་ཚོ་ལ་གོ་སྐབས་ཤིག་མེད་པར་གཏན་ནས་མིན་ཏེ།ཁེ་ལས་ཆེ་བ་ཚོས་ཁ་ཡ་བྱེད་མེད་ས་དང་སྐྱོན་ཆ་དག་ནི་ང་ཚོའི་གོ་སྐབས་ཆེ་ཤོས་དེ་ཡིན་ངེས་ཞེས་གསུངས་པ་དང་།དགེན་ཚེ་རིང་བཀྲ་ཤིས་ཀྱིས་འདི་ལྟར་གསུངས་དོན་དུ། ཐོག་མར།རང་ཉིད་དང་འོས་འཚམས་པའི་ལས་ཀ་ཆུང་ཆུང་ཞིག་བསྒྲུབ་ཅིང་དེར་ཞིབ་ཚགས་དང་ཚོད་ལྟ་གང་མང་ཞིག་བྱས་ན་ད་གཟོད་རང་ཉིད་ལ་དངུལ་ལོས་ཉོ་མི་ཐུབ་པའི་གོ་སྐབས་དང་ཉམས་མྱོང་འཐོབ་ངེས་ཞེས་གསུངསོ།།

 

在培训过程中,以《创业初期管理与创业机会识别》及《产品研发与成本定价》为主题课程,老师从创业主要动力等方面对创业的重要性和可行性作了全面而细致地阐述,并且分析了大学生创业的优势,认为大学生的激情,年轻和大学生有梦想是创业最大的优势。以国内外最先进的头脑风暴美国商学院棉花糖游戏等方式,给地方创业者们打下创业初期的厚实基础和改变创业机会识别的思维模式。



དགེ་རྒན་རིག་འཛིན་མཐར་ཕྱིན་དང་ཚེ་རིང་བཀྲ་ཤིས་རྣམ་གཉིས་ཀྱིས་སྔོན་ཐོན་གྱི་ཚོང་ལམ་གསར་སྤེལ་གྱི་སྦྱོང་བརྡར་བྱེད་སྟངས་བསླབས་ཤིང་སློབ་མ་རྣམ་པས་ཀྱང་དེར་གསེར་ལས་རིན་ཐང་ཆེ་བའི་གོ་སྐབས་ཤིག་བརྩིས་ཏེ།གུ་ཡངས་དང་འཛུམ་མདངས་ཀྱི་ཁྲོད་ནས་སློབ་ཁྲིད་འགོ་བརྩམས་ཤིང་།རེ་བ་དང་ཡིད་ཆེས་ཀྱི་སེམས་ཤུགས་ཀྱིས་སྦྱང་བྱར་འབད་འབངས་གནང་བར་མ་ཟད།ཚོ་ཆུང་བགར་ཏེ། ཚོ་ཆུང་རེ་ཁེ་ལས་རེ་དཔེར་འཇོག་ཅིང་འགྲན་རྩོ་ད་ཀྱི་ཁོར་ཡུག་ཆུང་ཆུང་ཞིག་ཀྱང་ཆགས་ནས་དྲན་ཤེས་དྲག་རླུང་ལྡིང་བའི་ཐབས་དང་བཟང་ངན་ཆ་ཡི་དབྱེ་ཐབསབཀོལ་ནས་སློབ་མ་ཚོར་སྤྲོ་སེམས་དང་ཡར་བསྐྱེད་ཀྱི་བསམ་པ་ཞིག་རི་མྱེ་རང་འབར་གྱི་ཚུལ་ཏུ་ལོག་ནས་ཚོང་ལམ་གྱི་ཁོར་ཡུག་ཆུང་ཆུང་ཞིག་ཏུ་གྱུར་ནས་ཡོད།།




老师对创业进行了生动形象的训练,课堂氛围极为活跃,让创业者们极大的获取了相关创业的知识,同时也认识到,大学生创业并不是一件简单容易的事情,它需要各方面细致的准备,以及准确的判断能力。纷纷表示,聆听专家们对创业的讲解,受益匪浅,在以后的学习工作中会不断努力拼搏、完善自我,提高自身的竞争力,为社会贡献自己的力量,实现自己的人生目标。





 

 སྐབས་དང་པོའི་ཆུ་དམར་ལེབ་རྫོང་སྤྱི་ཚོགས་གསར་གཏོད་དང་ན་གཞོན་ཚོང་ལམ་གྱི་རྩལ་ནུས་གསོ་སྦྱོང་འདི་བདེ་ལེགས་ངང་མཇུག་སྒྲིལ་བས།ས་གནས་ན་གཞོན་ཚོང་ལས་པ་ཚོའི་མིག་རྒྱང་རིང་དུ་བསྐྱེད་ཅིང་། ཚོང་ལམ་གྱི་ནུས་པ་དང་དགའ་ཞེན་གྱི་གསོ་སྐྱོང་ལ་ཤུགས་ཆེན་འདོན་ནས་ས་གནས་ཀྱི་ཚོང་ལམ་གསར་འཛུགས་ཀྱི་ལས་ཀ་ཕྱོགས་སུ་རྨང་གཞི་བརྗིད་པོ་ཞིག་ཀྱང་འཇོག་ཡོད་དེ།འཇིག་རྟེན་གནའ་ཡི་དཔེ་རུ། ལས་ན་ལས་ཀ་ལག་ན་གདའ།། མ་ལས་ལས་ཀ་ཐང་ན་གདའ།།ཞེས་པར་ཇིི་བཞིན་ཏུ། གོ་བར་གོ་བསྐོང་དང་བསམ་པར་སེམས་ཤུགས་འདོན་ཐུབ་ཡོད་པར་ཡིད་ཆེས་བརྟན་པོ་ཞིག་བཅིངས་ནས་ཡོད་དོ།།




此次首届曲麻莱县社会创新及青年创业技能培训班的顺利开班,有助于开拓创业视野,培养创业能力,激发创业激情,为地方创业活动的开展奠定了良好的基础,并将自主创业、自谋职业、灵活就业的理念带到了创业者的心中。


གཙོ་སྒྲུབ།ཆུ་དམར་ལེབ་རྫོང་ན་གཞོན་ལས་གཏོད་ཚོགས་པ་དང་ཆ་རུ་ལས་ཁྱིམ།

主办:曲麻莱县青年创业协会、迦入

གཞོགས་སྐྱོར། རྐང་གླིང་དམར་པོ་གཏོང་སྦྱོར། ཨ་ཁུ་འབྲོག་པ།ཁ་བ་ཅན་མཉམ་ལས་ཁང་། ར་མ་རྒྱལ་མོ་མཉམ་ལས་ཁང་། པ་ཏྲ་བོད་ལྭ།མཐོ་སྒང་འབྲོག་པ་རིག་གནས་ཐོན་ལས། ཆུ་དམར་ལེབ་སྐུ་མགྲོན་ཁང་། སྦྲ་ནག་མགྲོན་བྲང་།

赞助:曲麻莱县岗龙玛布文化传媒有限责任公司、曲麻莱县阿克卓巴商贸有限公司、曲麻莱县卡哇尖大学生创办畜牧专业合作社、曲麻莱县索熙察雅畜牧专业合作社、曲麻莱县巴扎商贸有限公司、青海三极牧人文化产业开发有限公司、曲麻莱宾馆、黑帐篷酒店

འཚོགས་གནས།ཡུལ་ཤུལ་ས་ཁུལ་གྱི་ནོར་བུ་བཟང་པོའི་ཡན་ལག་གི་ཆུ་དམར་ལེབ་གློག་རྡུལ་ཚོང་དོན་ལས་གཏོད་སྤྱི་གནས།

活动地:曲麻莱县藏宝网(玉树区)电子商务产业孵化园及大学生创业空间

༢༠༡༧ལོའི་ཟླ༧པའི་ཚེས་༢༢ཉིན།

2017722


友情链接

Copyright © 2023 All Rights Reserved 版权所有 全国教育机构推荐虚拟社区